བོད་ཀྱི་དམངས་གླུའི་ཁོངས་གཏོགས་ཀྱི་ལ་གཞས་སྐོར་ལ་ཅུང་ཙམ་དཔྱད་པ།

  བོད་ཀྱི་དམངས་གླུའི་ཁོངས་གཏོགས་ཀྱི་ལ་གཞས་སྐོར་ལ་ཅུང་ཙམ་དཔྱད་པ།   བསྟན་འཛིན་རིག་གྲོལ།   [ བརྡ་ཆད་གཙོ་བོ། ]     དམངས་གཞས།    དམངས་གླ...

 

བོད་ཀྱི་དམངས་གླུའི་ཁོངས་གཏོགས་ཀྱི་ལ་གཞས་སྐོར་ལ་ཅུང་ཙམ་དཔྱད་པ།

 

བསྟན་འཛིན་རིག་གྲོལ།

 


[ བརྡ་ཆད་གཙོ་བོ། ]    དམངས་གཞས།   དམངས་གླུ།  མཛའ་གཞས།   ལ་གཞས།  མགུར་མོ།

[ ནང་དོན་གནད་བསྡུས། ]   བོད་ཀྱི་དམངས་གླུའི་ནང་གསེས་ཀྱི་ལ་གཞས་ཞེས་པར་ཡང་སྙིང་ཁྱད་ཆོས་དམིགས་བསལ་བ་གང་ཞིག་ཡོད་མེད་སོགས་ཀྱི་སྐོར་ནས་རང་བློས་གང་ལྕོགས་ཀྱིས་བསེད་བཀྲོལ་ཅུང་ཙམ་བྱས་ཡོད།

 

སྔོན་གླེང་།

དེ་ཡང་ཕྲན་གྱིས་ཐོག་མར་བཤད་བྱ་དངོས་ལ་མ་འཇུག་གོང་དུ་ལ་གཞས་ཞེས་པ་དབྱེ་བསྡུ་བྱས་ཚེ་ཁྱབ་ཁོངས་གང་ཞིག་ཏུ་གཏོགས་མིན་སྐོར་ནས་<<བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས།>>ཞེས་པ་གཞིར་བཟུང་གིས་ཅུང་ཙམ་བཤད་ན། བློ་གསར་འདྲེན་པའི་སྐྱ་རེངས་ལས་དམངས་ཁྲོད་རྩོམ་རིག་ལ་རྩ་བའི་ལེའུ་ཆེན་པོ་བཅུ་གཉིས་སུ་དགར་ཡོད་པ་དང་དེ་དག་ལས་ལེའུ་དྲུག་པ་<<དམངས་ཁྲོད་རྩོམ་རིག་ལས་དམངས་གླུའི་སྐོར་བཤད་པ།>>ཞེས་པའི་ཚན་པ་གཉིས་པ་<<བོད་ཀྱི་དམངས་གླུའི་རིགས་དགར་ཚུལ་བཤད་པ>>ཞེས་པའི་ནང་གསེས་དྲུག་ཡོད་པའི་བཞི་བ་<<ལ་གཞས་>>ཞེས་པ་ནི་ཕྲན་གྱི་བཤད་བྱའི་བརྗོད་གཞི་གཙོ་བོ་དེ་ཡིན། དེ་ཡང་བོད་མི་རིགས་འདི་ངལ་རྩོལ་ཐོན་སྐྱེད་ཀྱི་འཚོ་བའི་རྣམ་པ་བྱུང་བ་ནས་བཟུང་གླུ་གཞས་རིགས་དར་འགོ་ཚུགས་ཡོད་པས། ལས་ཀའི་སྐབས་སུ་ཡང་གླུ་གཞས་དང་མཉམ་འགྲོགས་མཉམ་སྡོད་ཡིན། བོད་མི་རིགས་ནི་གླུ་གར་གྱི་རྒྱ་མཚོ་ཡིན་ཞེས་པའི་བཤད་སྲོལ་ཞིག་དམངས་ཁྲོད་དུ་དར་ཁྱབ་བྱུང་བ་ཡང་རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་ཡོང་བ་ཞིག་ཅི་ལ་མིན།

མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་སོ་སོར་གླུ་གར་རྩེེད་རིགས་འདྲ་མིན་སྣ་ཚོགས་དར་ཁྱབ་ཤིན་ཏུ་ཆེ་བར་མ་ཟད་ལུང་པ་དང་གྲོང་སྡེ་སོ་སོར་རྣམ་པ་འདྲ་མིན་གྱི་རྩེད་རིགས་དང་གླུ་གར་ཧ་ཅང་གི་སྣ་མང་ཡོད་པས། འདི་དག་ནི་བོད་མི་རིགས་ཀྱི་ལྷད་མ་འདྲེས་པའི་རང་གཤིས་ངོ་མ་ནས་ཐོན་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རང་གཤིས་འདི་དག་ནི་གདོད་མའི་རང་བྱུང་ཁམས་དང་འཐབ་རྩོད་ཀྱི་བརྒྱུད་རིམ་རིང་པོ་ཞིག་གི་ཁྲོད་ནས། དཀའ་སྤྱད་དང་སྡུག་རུས་དུ་མ་ཞིག་ལ་བརྟེན་ནས་ད་གཟོད་འདི་ལྟ་བུའི་རང་རང་གི་རྣམ་པའམ་ངོ་བོ་མཚོན་ཐུབ་པའི་སྒྱུ་རྩལ་གྱི་རྣམ་པ་བཞེངས་བསྐྲུན་བྱེད་ཐུབ་ཡོད། དེ་ལྟ་བུའི་བོད་ཀྱི་གླུ་གར་རྒྱ་ཆེ་ལ་གཏིང་ཟབ་པ་དེ་ཉིད་ཕྲན་གྱིས་དུས་ཡུན་ཐུང་ངུ་ཞིག་གི་ནང་ལ་བཤད་ཐབས་བྲལ་ཞིང་། ཕྲན་ལ་དེའི་སྐོར་གྱི་ཤེས་བྱ་དང་རྒྱུས་ལོན་སོགས་གང་ཡང་མེད་པའི་དུས་ཚོད་སྟོང་ཟད་ལས་མེད་སྟབས་དེ་དག་གི་ནང་གསེས་སུ་གྱུར་བ། རང་ཉིད་ལ་ཆུང་དུས་ནས་འགྲོགས་འདྲིས་ཅུང་ཡོད་པའི་བོད་ཀྱི་ལ་གཞས་,,ཀྱི་སྐོར་ནས་ཅུང་ཙམ་བཤད་ན་བརྗོད་གཞི་དེ་རང་ཉིད་དང་རན་པོའམ་འཚམ་པོ་འདུག་སྙམ། དེས་ན་དེ་ལྟ་བུའི་ལ་གཞས་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རབས་ཚོའི་ངག་ནས་ངག་ཏུ་བརྒྱུད་པའི་སྙན་འཇེབས་གསོན་ཉམས་ལྡན་པའི་བོད་ཀྱི་རྩོམ་རིག་གི་ཆ་ཤས་གལ་ཆེན་ཞིག་ཡིན་པས། འདིའི་སྐོར་རྒྱུས་ལོན་དང་ཞིབ་འཇུག་བྱེད་པར་ཡིག་ངག་གཉིས་ལས་ངག་ཐོག་རང་བཞིན་དུ་ཡོད་པ་དག་སྒྱུ་རྩལ་དང་བསམ་བློ་སོགས་ཕྱོགས་གང་ཐད་ནས་མཚོན་དོན་རབ་ཏུ་ཆེ་སྟབས། ཕྲན་རང་གི་ཆུང་དུས་ཀྱི་ཉམས་མྱོང་དང་ངག་རྒྱུན་དུ་གྲགས་པའི་ལ་གཞས་ལ་ངོས་འཛིན་བྱེད་སྟངས་སོགས་ཀྱི་སྐོར་ནས་དཔྱད་པ་ཅུང་ཙམ་བྱས་ཁུལ་ཡིན།

མཆན།

BLOGGER




Name

གཏམ་བཤད།,1,ཆོས་འབྱུང་།,1,དགེ་རྒན་ཉིན་མོ།,3,དཔྱད་རྩོམ།,1,དཔེ་ཆ།,5,པར་མཛོད།,4,བཀའ་སློབ།,1,བཅར་འདྲི།,1,བྱ་དངོས།,1,བརྙན་མཛོད།,5,བསམ་ཚུལ།,1,བོན།,1,མི་སྣ།,1,འཚོ་བའི་ལམ་ཆུང་།,1,རྣམ་ཐར།,1,རིག་གྲོལ་ཇུས་འགོད།,2,རིག་གྲོལ་དཔེ་ཁང་།,19,རིག་གྲོལ་ཞིབ་འཇུག,8,ལོ་རྒྱུས།,1,ས་ཆ།,1,སྒྲ་མཛོད།,5,སྒྲ་ལྡན་གཏམ་བཤད།,1,སྒྲ་ལྡན་བཀའ་སློབ།,1,སྒྲ་ལྡན་བཅར་འདྲི།,1,སྣ་མང་།,1,སྣ་ཚོགས།,1,
ltr
item
རིག་གྲོལ་དྲ་མཛོད།: བོད་ཀྱི་དམངས་གླུའི་ཁོངས་གཏོགས་ཀྱི་ལ་གཞས་སྐོར་ལ་ཅུང་ཙམ་དཔྱད་པ།
བོད་ཀྱི་དམངས་གླུའི་ཁོངས་གཏོགས་ཀྱི་ལ་གཞས་སྐོར་ལ་ཅུང་ཙམ་དཔྱད་པ།
https://1.bp.blogspot.com/-g_FXOiFDRDg/YXvov7IMifI/AAAAAAAAD5w/zAQYIx4rFTIt7yhzakXJ4yiVWAMHkClHACLcBGAsYHQ/w400-h127/banner.png
https://1.bp.blogspot.com/-g_FXOiFDRDg/YXvov7IMifI/AAAAAAAAD5w/zAQYIx4rFTIt7yhzakXJ4yiVWAMHkClHACLcBGAsYHQ/s72-w400-c-h127/banner.png
རིག་གྲོལ་དྲ་མཛོད།
https://www.rigdol.com/2021/10/blog-post.html
https://www.rigdol.com/
https://www.rigdol.com/
https://www.rigdol.com/2021/10/blog-post.html
true
2122094988650868829
UTF-8
རྩོམ་ཡིག་ཡོངས་སྟོན། རྩོམ་ཡིག་རྙེད་མ་སོང་། ཆ་ཚང་ལ་ལྟ། འཕྲོ་ཀློག ལན་འདེབས། ལེན་དོར། སུབ། སྤེལ་མཁན། གཙོ་ངོས། ཤོག་ངོས། རྩོམ་ཡིག View All དེ་འབྲེལ་རྩོམ་ཡིག་གཞན། སྡེ་ཚན། ཡིག་མཛོད། འཚོལ་བཤེར། རྩོམ་ཆ་ཚང་། ཁྱེད་ཀྱི་འཚོལ་བཞིན་པའི་རྩོམ་འདི་མིན་འདུག མདུན་ངོས་ལ། གཟའ་ཉི་མ། གཟའ་ཟླ་བ། གཟའ་མིག་དམར། གཟའ་ལྷག་པ། གཟའ་ཕུར་བུ། གཟའ་པ་སངས། གཟའ་སྤེན་པ། ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། ཕྱི་ཟླ་དང་པོ། ཕྱི་ཟླ་གཉིས་པ། ཕྱི་ཟླ་གསུམ་པ། ཕྱི་ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཕྱི་ཟླ་དྲུག་པ། ཕྱི་ཟླ་བདུན་པ། ཕྱི་ཟླ་བརྒྱད་པ། ཕྱི་ཟླ་དགུ་པ། ཕྱི་ཟླ་བཅུ་པ། ཕྱི་ཟླ་བཅུ་གཅིག ཕྱི་ཟླ་བཅུ་གཉིས། ཟླ་དང་པོ། ཟླ་གཉིས་པ། ཟླ་གསུམ་པ། ཟླ་བཞི་པ། ཕྱི་ཟླ་ལྔ་པ། ཟླ་དྲུག་པ། ཟླ་བདུན་པ། ཟླ་བརྒྱད་པ། ཟླ་དགུ་པ། ཟླ་བཅུ་པ། ཟླ་བཅུ་གཅིག ཟླ་བཅུ་གཉིས། ད་ལྟ། སྐར་མ་ 1 སྔོན། $$1$$ minutes ago ཆུ་ཚོད་ 1 གོང་། $$1$$ hours ago ཁ་སང་། $$1$$ days ago $$1$$ weeks ago བདན་ཕྲག 5 ལས་མང་བའི་གོང་ལ། རྗེས་གཞུགས་པ། རྗེས་གཞུགས། THIS PREMIUM CONTENT IS LOCKED STEP 1: Share to a social network STEP 2: Click the link on your social network Copy All Code Select All Code All codes were copied to your clipboard Can not copy the codes / texts, please press [CTRL]+[C] (or CMD+C with Mac) to copy